
བྱམས་པ་མགོན་པོའི་ལྷ་ཁང་།
འགྲེམས་སྟོན་༩ པ།
ལྷ་ཁང་འདི་ནང་ དགེ་སློང་ཚུ་གིས་ དུས་ཐོག་གི་ཆོས་ཀྱི་མཛད་སྒོ་དང་ སྒོམ་ཉམས་ལེན་ཚུ་གནངམ་ཨིན། སྐུ་རྟེན་གཙོ་བོ་ མ་ འོངས་པའི་སངས་རྒྱས་ བྱམས་པ་མགོན་པོ་དང་ བྱང་ཆུབ་སེམས་དཔའ་གསུམ་བཞུགས་ཏེ་ཡོད། བྱང་ཆུབ་སེམས་དཔའ་ཟེར་མི་དེ་ སངས་རྒྱས་པའི་ལམ་ལུ་ཞུགས་ཚར་རུང་ བདག་རང་ཉིད་རྐྱངམ་གཅིག་ སངས་རྒྱས་ནི་མེན་པར་ སེམས་ཅད་ཐམས་ཅད་ལུ་ བྱམས་པ་དང་སྙིང་རྗེ་ཆེན་པོའི་སྒོ་ལས་ ཐར་པའི་ལམ་ལུ་འདྲེན་ནིའི་ ཐུགས་བསྐྱེད་བཞེད་མི་ལུ་སླབ་ཨིན། བྱང་ཆུབ་སེམས་དཔའ་ ཚུ་ སངས་རྒྱས་སོང་རུང་ སྐུ་ཞི་བར་མ་གཤེགས་པར་ སེམས་ཅན་ཐམས་ཅད་ ཕུད་རྡོག་གཅིག་ཡང་ལྷག་མ་མེད་པར་ འཁོར་བའི་ སྡུག་བསྔལ་ལས་འདྲེན་ནི་ལུ་ འགྲོ་དོན་མཛད་དེ་བཞུགསཔ་ཨིན། དེ་གིས་སྦེ་ བྱང་ཆུབ་སེམས་དཔའ་ཚུ་ལུ་ སངས་རྒྱས་ཀྱི་ཁྱད་ ཆོས་ཚུ་ཡོད་པའི་ཁར་ སངས་རྒྱས་ཚུ་གི་རྣམ་སྤྲུལ་དངོས་ཨིན་མས། མཆོད་བཤམ་གུ་ སྦུག་ན་རྒྱལ་ཚབ་བྱམས་པ་མགོན་པོའི་སྐུ་རྟེན་སྦོམ་ཅིག་དང་ གཡས་ལུ་ཕྱག་ན་རྡོ་རྗེ་དང་ གཡོན་ ལུ་འཇམ་དཔལ་དབྱངས་ བཞུགས་ཏེ་ཡོད། དེ་གི་གཡས་ཕྱོགས་ལུ་ ས་གོ་སོ་སོ་ཅིག་ནང་ སྤྱན་ཪས་གཟིགས་རྣམ་སྤྲུལ་ བཅུ་ གཅིག་ཞལ་ བཞུགས་ཏེ་ཡོད། བྱང་ཆུབ་སེམས་དཔའ་གསུམ་ཆ་ང་ ས་ལམ་གོང་མའམ་ མཐོ་ཤོས་ཐོབ་པའི་བྱང་ཆུབ་ སེམས་དཔའ་ཨིནམ་ལས་ སེམས་དཔའ་ཆེན་པོ་ཟེར་ཞུཝ་ཨིན། ཁོང་གས་ འགྲོ་བ་ཡོངས་ལུ་ དགའ་བ་དང་སྤྲོ་བ་འབྱུང་གནས་ སངས་རྒྱས་ཀྱི་ཆོས་ཀྱི་བདུད་རྩིའི་ཆར་ཕབ་གནངམ་ཨིན། དེ་གིས་སྦེ་ འགྲོ་བ་མིའི་རྒྱུད་ལུ་ སངས་རྒྱས་ཀྱི་ཆོས་ཀྱི་བྱིན་རླབས་ འཇུག་ཚུགསཔ་ཨིན།
MAITREYA LHAKHANG
GALLERY 9
In this temple monks conduct ceremonies and perform meditation practices on a regular basis. The main deities housed here are the Buddha of the Next Age, Maitreya, and a group of three bodhisattvas. A bodhisattva is someone who has chosen the path of enlightenment. His efforts to attain redeeming insight, however, are not directed for his own release but have altruistic motives: compassion for all living beings becomes more important than his own redemption. After attaining enlightenment he does not enter nirvana but instead continues to actively aid the liberation of all beings who are suffering in the ongoing cycle of rebirth. Until all beings have been led to enlightenment, a bodhisattva will not accept the nirvana he has earned for himself. Thus bodhisattvas are understood as the embodiment of the qualities of the Buddha and as emanations of the Buddhas so that they can be active for the good of all living beings. The central and largest statue on the altar represents Maitreya, who is flanked on the left by Manjushri and on the right by Vajrapani. A niche of the altar to their right holds an impressively executed figure of the eleven-headed Avalokiteshvara. The three bodhisattvas are regarded as standing on the highest step of spiritual realisation and are venerated as great mahabodhisattvas. They infuse all worlds with healing light and pour forth a healing rain of Buddhist teachings that delights, enraptüres and uplifts all beings. Thus humankind can share in the healing qualities of the Buddha.
