
གུ་རུ་རིན་པོ་ཆེ་དང་ གུ་རུའི་རྣམ་སྤྲུལ་བརྒྱད།
འགྲེམས་སྟོན་༨ པ།
སངས་རྒྱས་ཀྱིས་ འཛམ་གླིང་འདི་ནང་ འགྲོ་བ་མིའི་གཟུགས་སུ་བྱོན་ཏེ་ ནང་པའི་བསྟན་པ་དར་ཁྱབ་མཛད་ནིའི་དོན་ལུ་ གུ་རུ་རིན་ པོ་ཆེ་ལུ་སྤྲུལ་ཏེ་བྱོན་ཡི། སངས་རྒྱས་བཅོམ་ལྡན་འདས་བཟུམ་སྦེ་ ཆོས་ཀྱི་སྒོར་མ་ཞུགས་པའི་ཧེན་མ་ གུ་རུ་རིན་པོ་ཆེ་ཡང་ རྒྱ་གར་གྱི་རྒྱལ་ཁབ་ཆུང་ཀུ་ཅིག་ནང་ རྒྱལ་པོའི་སྲས་ཅིག་སྦེ་ སྐུ་བསྲིངས་ནུག། གུ་རུ་རིན་པོ་ཆེ་འདི་ དུས་རབས་བརྒྱད་པའི་ནང་ ཧི་མ་ལ་ཡ་ཚུན་ རྫུ་འཕྲུལ་དང་ལྡན་པའི་ གསང་སྔགས་ཀྱི་སློབ་དཔོན་ཆེན་པོ་ཅིག་སྦེ་ ཡོངས་གྲགས་ཐོན་ནུག། བོད་ཀྱི་རྒྱལཔོ་ཅིག་ གིས་ བོད་ལུ་ནང་པའི་བསྟན་པ་ དར་ཁྱབ་གཏང་ནི་དང་ ལུང་ཕྱོགས་ནང་ཡོད་པའི་ ལྷ་འདྲེ་གདུག་པ་ཅན་ཚུ་ དམ་ལུ་བཏགས་ནིའི་ ཆེད་དུ་ གདན་འདྲེན་ཞུ་ནུག། གུ་རུ་རིན་པོ་ཆེ་གིས་ ཧི་མ་ལ་ཡའི་གངས་ལྗོངས་ཡོངས་རྫོགས་ནང་ ཞབས་ཀྱིས་བཅགས་ བྱིན་ གྱིས་བརླབས་སྦེ་ ལྷ་འདྲེ་གདུག་པ་ཅན་ཚུ་ དམ་ལུ་བཏགས་ཏེ་ ནང་པའི་ཆོས་ཀྱི་ལམ་ལུགས་ནང་ བཙུགས་གནང་ཡོདཔ་མ་ཚད་ དེ་བསྒང་གི་དུས་དང་མཐུན་པའི་ ནང་པའི་ཆོས་ཀྱི་ལམ་སྲོལ་ཅིག་ གཞི་བཙུགས་གནང་མི་དེ་ དེང་སང་གི་དུས་ ལུ་ཡང་མ་ཉམས་པར་ཡོདཔ་ཨིན། གུ་རུ་རིན་པོ་ཆེ་གིས་ ཀྲོང་གསར་ལུ་ཆིབས་བསྐྱོད་གནང་སྟེ་ ཡུལ་ཕྱོགས་དེ་གི་གནས་བདག་དེ་ དམ་ལུ་བཏགས་ཏེ་ བསྟན་ པའི་ཞབས་ཕྱི་སྦེ་ བསྐོས་གནང་ནུག། གུ་རུ་མཚན་བརྒྱད་འདི་ གནས་སྟངས་སོ་སོ་དང་བསྟུན་ཏེ་ ནང་པའི་ཆོས་ཀྱི་ཉམས་རྟོགས་སོ་ སོའི་ཤར་བའི་ རྣམ་སྤྲུལ་ཚུ་ཨིན་མས།
GURU RINPOCHE AND HIS EIGHT MANIFESTATIONS
GALLERY 8
Buddha embodied himself in Guru Rinpoche as a being who could effectively spread the teachings of Buddhism. Like Buddha Shakyamuni, Guru Rinpoche grew up as a prince in a small kingdom in India before he was initiated into the Buddhist teachings. In the eighth century his reputation as a Tantric master with magical powers spread as far as the Himalayas. He was duly called upon by a Tibetan king to propagate Buddhism and to pacify the malevolent gods which inhabited the region. A rich body of legends relates how Guru Rinpoche wandered throughout the entire Himalayan region vanquishing many of the local deities whom he then integrated into the Buddhist system of belief, thus amalgamating the wisdom of Buddhism with pre-Buddhist beliefs. He founded a form of Buddhism that reflected the spiritual world of that time. This form has remained vital and shapes, now as then, the lives of people in the Himalayas. Guru Rinpoche was also active in the district of Trongsa, subduing Mutsen, the divine proprietor of the region, and making him a servant of Buddhism. Eight manifestations of the Guru are shown in this gallery. They represent the Guru’s realisation of particular aspects of Buddhism that arose during his spiritual life.
