
ནང་པའི་ཆོས་དང་ ཆོ་ག་ཕྱག་ལེན།
འགྲེམས་སྟོན་༦ པ།
ནང་པའི་ཆོས་འདི་ ང་བཅས་རའི་དུས་སྐབས་ཀྱི་ དུས་རབས་༥ དེ་ཅིག་གི་ཧེན་མར་ རྒྱ་གར་ལུ་བཞུགས་མི་ རྒྱལ་རབས་ཅན་གྱི་ སངས་རྒྱས་ཤཱཀྱ་མུ་ནི་ལས་བྱུང་ནུག། ནང་པའི་ཆོས་འདི་ ལོ་ངོ་སྟོང་ཕྲག་ལྷགཔ་ཅིག་གི་རིང་ འཕེལ་འགྱུར་འགྱོ་བའི་ཤུལ་ལུ་ ཧི་མ་ལ་ཡའི་གླིང་ཚུ་ནང་དར་ཁྱབ་བྱུང་སྟེ་ སྔོན་ནས་ཡོད་པའི་ཆོས་ཀྱི་མནོ་ལུགས་ཚུ་དང་ མཉམ་འདྲིས་སོང་ནུག། འབྲུག་ལུ་ཉམས་ སུ་བླངས་མི་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་ སངས་རྒྱས་ནི་ལས་འགོ་བཟུང་སྟེ་ རྒྱལ་ཁབ་ཀྱི་སྲིད་དོན་དང་ གྲོང་ གསེབ་ས་གནས་ཚུ་ནང་ལུ་ ཉིན་བསྟར་འཚོ་བའི་གནས་ལུགས་ ཆ་མཉམ་ནང་འབྲེལ་བ་ཡོདཔ་ཨིན། སངས་རྒྱས་ཀྱི་དམིགས་དོན་དེ་ སྒོམ་ཉམས་ལེན་གྱི་སྦྱང་བརྩོན་འབད་བཅུག་ནི་ཨིནམ་དང་ དེ་གི་མཐར་ཐུག་གི་དམིགས་ཡུལ་ གཅིག་པོ་དེ་ ཚད་མེད་པའི་འཁོར་བ་འདི་ནང་ ཡང་བསྐྱར་སྐྱེ་བ་ལེན་ནི་དེ་ལས་ འགྲོལ་བཅུག་ནིའི་ཐབས་ཨིན་མས། འགྲོ་བ་མི་ འདི་ འཁོར་བའི་ཤན་ཐག་ནང་གནས་རིང་ལུ་ སྐྱེ་རྒ་ན་འཆིའི་སྡུག་བསྔལ་ རྒྱུན་ཆད་མེདཔ་མྱོངམ་ཨིན། འཁོར་བ་འདི་ལས་ འགྲོལ་དགོ་པ་ཅིན་ འཁོར་བའི་གནད་གཞི་གེ་ར་ རང་བཞིན་གྱིས་མ་གྲུབ་ཨིནམ་ ཧ་གོ་སྟེ་ ང་དང་ངའི་ཟེར་བའི་ འཛིན་པ་དེ་ལས་ འགྲོལ་དགོཔ་དང་ དེ་ནི་སྒོམ་ཉམས་ལེན་གྱི་ཐོག་ལས་རྐྱངམ་གཅིག་ འགྲུབ་ཚུགསཔ་ཨིན། འཁོར་བ་ལས་འགྲོལ་ བའི་ཐབས་ལམ་གཞན་སྣ་ཚོགས་ཡོད་མི་དེ་ཡང་ གསང་སྔགས་ཀྱི་ལུགས་ལས་ གྲུབ་མཐའ་དང་ གཟུགས་ཁམས་རིག་པའི་བྱ་ རིམ་ལས་ སྒོམ་པ་དང་སྤྱོད་པ་ ལག་ལེན་འཐབ་ནི་དེ་ གཙོ་ཆེཝ་ཨིན། ཐེག་པ་ཆེན་པོའི་ཆོས་ནང་ གྲུབ་མཐའ་གསརཔ་བྱུང་པའི་ཤུལ་ལུ་ ལྷ་དང་སྲུང་མ་གཞན་ཚུ་ཡང་ སངས་རྒྱས་ཀྱི་རྗེས་སུ་འཇུག་ནུག། དེ་ཚུ་གེ་ར་ རྒྱུན་ཆད་མེད་པའི་འཁོར་བའི་ཤན་ཐག་འདི་ནང་ གནས་དགོ་པའི་རྒྱུ་མཚན་གྱི་ གཉེན་པོ་ཨིན་མས།
BUDDHISM AND RITUAL
GALLERY 6
Buddhism originates with the Buddha Shakyamuni, who lived in India in the STH century sc. Today he represents the transcendental wisdom of Buddhism and its timeless validity. Only after evolving for over a thousand years did his teachings reach the Himalayas, where they became fused with pre-existing religious ideas. The form of Vajrayana Buddhism (the “Diamond Vehicle”) practised in Bhutan shapes all aspects of life, from daily existence, to state politics, to the pursuit of enlightenment. The Buddha taught meditative practices. The single ultimate goal of these practices is liberation from the infinite cycle of rebirth. If a human being remains entangled in the ongoing cycle of rebirth, then suffering, transience and death will be repeated in each new life. Release from the everlasting cycle lies in overcoming the perception that the deceptive variety of worldly phenomena represents Absolute Truth and in freeing oneself from the idea of the self. This can only be attained in meditation. After new philosophical developments the historical Buddha was joined by further deities. They all are remedies against the reasons for continuing entanglement in the ongoing cycle of rebirth. The path towards attaining liberation is marked by an elaborate ritualism and makes use of Tantric practices that create control over psychological and physiological processes.
