
སྐུ་འཆམ་ཚུ་གི་ཁུངས་དོན།
འགྲེམས་སྟོན་༥ པ།
ལོ་བསྟར་བཞིན་དུ་ ཀྲོང་གསར་རྫོང་གི་རྡོ་གཅལ་དེ་ སྐུ་འཆམ་གནང་སའི་གླིང་ཅིག་ལུ་འགྱུརཝ་ཨིན། ཚེས་བཅུའི་སྐུ་འཆམ་མཇལ་ མི་ཚུ་ གསང་སྔགས་ཀྱི་ལྷ་ཚོགས་ཀྱིས་བྱིན་གྱིས་བརླབས་ཏེ་ ཐར་པའི་གོ་འཕང་འཐོབ་ནི་ཡོདཔ་སྦེ་བརྩིཝ་ཨིན། དགེ་སློང་ཚུ་གིས་གནང་མི་ སྐུ་འཆམ་ཚུ་གིས་ ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་ཆོས་ནང་ ཤིན་ཏུ་ནས་རྟོགས་པར་དཀའ་ བའི་ཆོས་ཀྱི་གོ་དོན་ཚུ་ དངོས་སུ་རྣམ་འགྱུར་གྱི་ཐོག་ལས་སྟོནམ་ཨིན། སྐུ་འཆམ་སྣ་ཚོགས་ཚུ་གིས་ འགྲོ་བ་མི་དང་ལྷ་ཚོགས་ཚུ་ གི་བར་ན་ འབྲེལ་མཐུན་ཡོད་ལུགས་དང་ སངས་རྒྱས་ཀྱི་ཆོས་ཀྱི་གོ་དོན་ཚུ་ རྟོགས་ཚུགས་པའི་ལམ་སྟོནམ་ཨིན་མས། སྐུ་འཆམ་ལ་ལོ་ཅིག་གིས་ སངས་རྒྱས་ཀྱི་ཆོས་ཀྱི་ནུས་མཐུ་གིས་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ མི་མཐུན་པའི་ རྐྱེན་ངན་ཚུ་ འཇོམས་པར་བྱེད་པའི་ཚུལ་སྟོནམ་ཨིན། འཆམ་ལ་ལོ་ཅིག་གིས་ བཟང་པོའི་བསླབ་བྱ་དང་ བྱུང་རབས་ཀྱི་ཁུངས་ཚུ་ སྟོན་པའི་ཁར་ ལ་ལོ་ཅིག་གིས་ སེམས་ཀྱི་སྒྲིབ་པ་དག་ནི་དང་ ལ་ལོ་གིས་གདོན་གེགས་ཚུ་ བསྐྲད་ཚུགསཔ་ཨིན་མས། ཆོས་དང་གཞུང་ལུགས་གཉིས་ལུ་མཁས་མི་ཚུ་ལུ་ སྐུ་འཆམ་ཚུ་གིས་ སངས་རྒྱས་པའི་ལམ་ཡང་སྟོནམ་ཨིན་མས། མདོར་བསྡུ་བ་ ཅིན་ སྐུ་འཆམ་ཚུ་ ཁ་ལས་འདི་བཟུམ་ཅིག་ཨིན་ཟེར་ སླབ་མ་ཚུགས་པའི་གོ་བ་སྤྲོད་ཚུགས་མི་དང་ ཆོས་དང་འབྲེལ་བའི་དུས་སྟོན་ དེ་ལས་ ནང་པའི་ཆོས་ཀྱི་གོ་བ་རྟོགས་ཐབས་ཀྱི་ ལྡེ་མིག་ཅིག་ཨིན།
THE MESSAGE OF THE SACRED DANCES
GALLERY 5
Sacred dances (cham) are performed by monks in the courtyards of dzongs and are the focus of a tshechu. Celebrated in honor of Guru Rinpoche, a tshechu is a yearly festival during which visitors gain the Buddha’s blessing as well as spiritual release through a Tantric deity. The term “cham” can perhaps best be translated as “mystery play”, whose esoteric meaning is deeply embedded in the philosophical concepts of Tantric Buddhism. The dances activate the relation between humankind and deities and help people to attain liberating insight into the meaning of the Buddha’s teachings. Some dances portray in a dramatic way the victory of Buddhist teachings over the unpredictable forces of the supernatural world. Other dance sequences are didactic in character, conveying moral or historical content. Still others purify the soul or drive away demons. To the spectator who is familiar with the religious and philosophical background, these dances also show the path to enlightenment. Yet not all that is seen can be expressed in words. Dance is a living cult, a holy ceremony and the key to understanding the Buddhist religion.
